父亲-德吉才让

歌手 : 德吉才让
语种 : 纯音乐
时长 : 01:59

DOLBY 杜比全景声 下载

臻品母带 下载

臻品全景声 下载

HIRES Hi-Res 下载

FLAC 无损flac 百度云网盘下载

APE 无损ape 格式下载

320MP3 极高mp3 歌曲下载

128MP3 标准mp3 百度网盘下载

192OGG 较高ogg 下载

192AAC 较高aac 下载

96AAC 标准aac 百度云下载

Loading...

TXT 父亲-德吉才让 文本歌词

父亲 - 德吉才让
ཁྱིམ་ཚང་ཞིག་གི་ཐབ་ཚང་ནས།
གཟིམ་མ་མྱོང་པའི་མར་མེ་ཚེ་འབར་ལགས།
ད་ཕྲུག་ཁྱུ་ཡིས་རེ་སྒུག་གི་འདུན་མ་བཅངས་པའི་སེམས་ཀྱི་ཡབ་ཆེན་ལགས།
ངས་ཁྱེད་ལ་ཞུ་འཕྲིན་སེམས་ཀྱི་མཆོད་པ་འབུལ།
ཞོགས་པའི་ལྷ་བསང་གཏོང་དུས།རླུང་རྟ་དགུང་ལ་མཆོད་ཡོད།
ཀི་བསོ་ཡིས་བསྟོད་པའི་དུད་སྤྲིན་ལ།
གསོལ་འདེབས་ཀྱི་སྨོན་ཚིག་ཁྲི་འབུམ་བསྐུར་ཡོད།
ཡུན་རིང་བྲལ་བའི་རྒྱང་རིང་གི་སེམས་ཀྱི་ཡབ་ཆེན་ལགས།
ཁྱེད་རིང་སྐུ་ཁམས་བདེ་ལེགས་སམ།
རང་ཁྱིམ་དྲོད་ཀྱིས་སྟོང་བའི་གཞི་གྱེས་ཀྱི་སྤུན་ཟླ་མིང་སྲིང་ཚོ།
ཁྱེད་རྣམ་པ་ཕུང་ཁམས་བདེ་མོ་ཡིན་ལགས།
རྩྭ་ཐང་འཁྱག་གིས་བསྡམས།
སྦྲ་གུར་རླུང་གིས་སྐྱོད་པའི་ཕ་ཁྱིམ་ན།
བདག་མེད་ཤུལ་ལུས་ཀྱི་སྤུན་ཟླ་མིང་སྲིང་ཚོ།
སྡུག་བསྔལ་གྱི་མིག་ཆུ་ཁྲོམ་ཁྲོམ་ལས།
བདེ་སྐྱིད་ཀྱི་དགོད་སྒྲ་ཐོས་མ་མྱོང་།
དྲན་གདུང་གི་ཤུགས་རིང་ནར་ནར་ལས།
ལྷན་འཛོམས་ཀྱི་སྐལ་བ་རྙེད་མ་མྱོང་།
ཉིན་རེ་ནས་ཉིན་རེ་ཟླ་རེ་ནས་ཟླ་རེ་ལོ་རེ་ནས་ལོ་རེ།
དབྱར་དགུན་གྱི་དུས་ཚིགས་རེས་སུ་འཁོར་སོང་།
ང་ཚོའི་ཡུལ་དུ་བུ་ཡུག་རྐྱང་རྐྱང་འཚུབ།
མཁྱེན་མཁྱེན་བླ་མ་མཁྱེན།
འོན་ཀྱང་ཨ་ཕ་ལགས།
ཁྱེད་རང་ཐུབ་སེམས་སྐྱོ་མི་དགོས།
འུ་ཚང་ཁྱིམ་དུ་བདེ་སྐྱིད་དེ་འདྲ་མེད་ཀྱང།
ཨ་ཕའི་གདམས་ངག་སྔར་བཞིན་དྲོད་ཁོལ་ལྡན།
ཕ་ཤུལ་བུ་ཡིས་འཛིན།ཕ་ཆོས་སེམས་ཀྱིས་སྒྲུབ།
ཕ་ཡིག་སྦྱོང་ལ་བརྩོན།ཕ་སྐད་གཙང་མ་བཤད།
ཕ་སྲོལ་རྒྱུན་གྱིས་འཛིན།ཕ་ཟས་རྒྱན་དུ་རོལ་ལ།
ཕ་ཁྱིམ་སྙིང་ནས་བརྩེ་བཞིན་ཡོད།
ཨ་ཕ་ལགས།
ངས་བརྗེད་དཀའ་བ་ནི་ཁྱེད་ཡིན་ལ།
དྲན་སླ་བ་ནི་ཁྱེད་ཡིན།
ཁྱེད་ནི་བརྩེ་བའི་ཕ་ཡིན།
བྱམས་ལྡན་མ་ཡིན།
སྐྱབས་སའི་ལྷ་ཡིན།
རེ་སའི་དཔོན་ཡིན།
ཁྱེད་ནི་ཕ་གཞིས་ཀྱི་བདག་པོ་ཡིན་ལ།
བུ་ཚང་གི་རེ་བ་ཉག་གཅིག་ཡིན།
ཨ་ཕ་ལགས་ཉིན་མོ་སེམས་སུ་འཁོར་སོང་།
མཚན་མོ་རྨི་ལམ་ནང་དུ་འཇལ།
ཱཨ་ཕ་ལགས།
ཞོགས་པའི་ཉི་འོད་ཀྱི་གཟི་བྱིན་དང་འགྲོགས་ནས།
རང་ཡུལ་ཕྱོགས་སུ་སླེབས་རོགས།
ང་ཚོས་ལོ་ཟླ་སོགས་བརྩིར་བགྲང་ནས།
ཁྱེད་ལ་རེ་ཞིང་སྒུག་བཞིན་ཡོད།
སླད་མར་ཁྱེད་ཉིད་སྐུ་ལུས་གསེར་གྱི་ཉི་མ་ལ།
སྤྲིན་ནག་པོའི་གཡོར་བ་མེད་པར་རྟག་དུ་བརྟན་ཞིང་།
ཕ་བུ་འདི་ནས་གྱེས་ཀྱང་སླར་ཡང་འདི་རུ་འཛོམས་པའི་སྨོན་ལམ་ཡང་ཡང་ཞུ

父亲-德吉才让的精彩乐评

好听 སྙན་མོ་འདུག
愿长命百岁,长久住世。
德吉才让 永远的偶像 加油
经常和父亲吵架 离开后又舍不得 感觉是自己错了
ངོ་མ་སྙན་གི