梦回草原-仲白
暂无资源。
Loading...
TXT 梦回草原-仲白 文本歌词
རྨི་ལམ་གྱི་རྩྭ་ཐང་།
梦回草原
གཞས་ཚིག སྨན་བླ་སྐྱབས།
词:曼拉加
གཞས་གདངས།སྒྲོལ་མ་སྐྱབས།
曲:卓玛加
གཞས་མཁན། སྒྲོན་པེ།
演唱:仲白
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
ནམ་མཁའ་སྔོ་ལ་གཅིག་དང་།།
སྤྲིན་པ་དཀར་ལ་གཉིས་དེ།།
འོ་དྲི་འཐུལ་བའི་ཡུལ་གྲུ།།
ཕ་ཡུལ་ཟེར་ཡང་དེ་རེད།།
རྨི་ལམ་གྱི་རྩྭ་ཐང་། རྨི་ལམ་ལས་མཇལ་སོང་།
རི་བོ་ཞོ་གསར་འདྲ་ཞིག །དྲན་པའི་དཀྱིལ་ལ་ཉལ་ཡོད།།
རྨི་ལམ་གྱི་རྩྭ་ཐང་། རྨི་ལམ་ནང་ལ་འཐེན་ཡོད།།
ཆུ་མོ་བདུད་རྩི་འདྲ་ཞིག ། རྨི་ལམ་ནང་ལ་འཐེན་ཡོད།།
རྨི་ལམ་གྱི་རྩྭ་ཐང་། རྨི་ལམ་གྱི་རྩྭ་ཐང་།
ཁྱོད་ངའི་ཚེ་གཅིག་གི་ལམ་ཐག་ཡིན་ནོ།།
ཉི་འོད་བཀྲག་ལ་གཅིག་དང་།།
རླུང་བུ་བསིལ་ལ་གཉིས་དེ།།
འོ་དྲི་འཐུལ་བའི་ཡུལ་གྲུ།།
ཕ་ཡུལ་ཟེར་ཡང་དེ་རེད།།
རྨི་ལམ་གྱི་རྩྭ་ཐང་། རྨི་ལམ་ལས་མཇལ་སོང་།
སོ་འཛུམ་མེ་ཏོག་འདྲ་ཞིག །
མར་མེའི་འོད་ཀྱིས་ཕྱེ་ཡོད།།
རྨི་ལམ་གྱི་རྩྭ་ཐང་། རྨི་ལམ་ནང་ལ་བཏབ་ཡོད།།
དྲན་གདུང་བ་མོ་འདྲ་ཞིག ། རྨི་ལམ་ནང་ལ་བཏབ་ཡོད།།
རྨི་ལམ་གྱི་རྩྭ་ཐང་། རྨི་ལམ་གྱི་རྩྭ་ཐང་།
ཁྱོད་ངའི་ཚེ་གཅིག་གི་ལམ་ཐག་ཡིན་ནོ།།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
歌词大意:
(1)蓝天的天空,洁白的云彩,散发着牛奶的香味,家乡醉人的诱惑,这是梦中的草原,常常在梦中出现。
一个银色的山岗,躺在记忆深处, 梦中的草原, 梦里才能相见。 一股甘甜的泉水,滋润着我的记忆。
噢……梦中的草原,噢……你常在我梦里,你是我一生的路标,你是我一生的向往。
(2)暖暖的阳光,爽爽的凉风,飘溢着牛奶的芳香,这是家乡的诱惑,这是梦中的草原,常常在梦中出现。
藏在心里的花朵儿,伴随灯影憨笑。 梦中的草原,梦里才能相见。 露水相思结晶,洒向梦乡深处。梦中的草原, 梦里才能相见。
噢……梦中的草原, 噢……你常在我梦里。 你是我一生的路标,你是我一生的向往。