琼结果谐-CHONGGYE SOWANG(琼结索旺)
DOLBY 杜比全景声 下载
臻品母带 下载
臻品全景声 下载
臻品音质
HIRES Hi-Res 下载
FLAC 无损flac 百度云网盘下载
APE 无损ape 格式下载
320MP3 极高mp3 歌曲下载
128MP3 标准mp3 百度网盘下载
192OGG 较高ogg 下载
192AAC 较高aac 下载
96AAC 标准aac 百度云下载
Loading...
TXT 琼结果谐-CHONGGYE SOWANG(琼结索旺) 文本歌词
༼ འཕྱོངས་རྒྱས་སྒོར་གཞས། ༽
ཚིག་གདངས། འཕྱོངས་རྒྱས་དམངས་གཞས།
གཞས་པ། འཕྱོངས་རྒྱས་བསོད་དབང་།
པདྨ་ཅན་གྱི་རི་དེ་གང་གི་རི།
པདྨ་ཅན་གྱི་རི་དེ་གསེར་གྱི་རི།
གསེར་གྱི་རི་ལ་གསེར་གྱི་བྱ་ཞིག་བབས།
བྱ་ལ་བཞུགས་མཁན་མ་རེད་ཐད་མཁན་རེད།
ཁྱེད་རྣམས་པ་ཐད་མཁན་རྣམས་ལ་བཀྲ་ཤིས་ཤོག
ལམ་ལ་རྟ་ལས་མགྱོགས་པའི་བཀྲ་ཤིས་ཤོག
ང་རྣམས་པ་བཞུགས་མཁན་རྣམས་ལ་གཡང་རེ་ཁུག
འཇམ་པོ་བལ་ལས་འཇམ་པའི་གཡང་རེ་ཁུག
པདྨ་ཅན་གྱི་རི་དེ་གང་གི་རི།
པདྨ་ཅན་གྱི་རི་དེ་གཡུ་ཡི་རི།
གཡུ་ཡི་རི་ལ་གཡུ་ཡི་བྱ་ཞིག་བབས།
བྱ་ལ་བཞུགས་མཁན་མ་རེད་ཐད་མཁན་རེད།
ཁྱེད་རྣམས་པ་ཐད་མཁན་རྣམས་ལ་བཀྲ་ཤིས་ཤོག
ལམ་ལ་རྟ་ལས་མགྱོགས་པའི་བཀྲ་ཤིས་ཤོག
ང་རྣམས་པ་བཞུགས་མཁན་རྣམས་ལ་གཡང་རེ་ཁུག
འཇམ་པོ་བལ་ལས་འཇམ་པའི་གཡང་རེ་ཁུག
རྟ་ཕོ་འཁྲིད་ཤོག རྟ་ནག་རྟིང་དཀར་འཁྲིད་ཤོག
ཕྱིའི་འོད་གསལ་གླིང་དཀར་སྟོད་ལ་བབ་ཆགས་བཞག་ནས་ཡོང་ཡོད།
མཐུར་མགོ་གཡོགས་ཤོག རག་མཐུར་དངུལ་མཐུར་གཡོགས་ཤོག
ཕྱིའི་འོད་གསལ་གླིང་དཀར་སྟོད་ལ་བབ་ཆགས་བཞག་ནས་ཡོང་ཡོད།
ཏིང་ཏིང་བཏགས་ཤོག རྒྱ་ཏིང་བོད་ཏིང་བཏགས་ཤོག
ཕྱིའི་འོད་གསལ་གླིང་དཀར་སྟོད་ལ་བབ་ཆགས་བཞག་ནས་ཡོང་ཡོད།
རྟ་སྒ་གཙུགས་ཤོག གསེར་ཚགས་དངུལ་ཚགས་གཙུགས་ཤོག
ཕྱིའི་འོད་གསལ་གླིང་དཀར་སྟོད་ལ་བབ་ཆགས་བཞག་ནས་ཡོང་ཡོད།
མེས་པོ་བཀྱོན་ཤོག གེ་སར་རྒྱལ་པོ་བཀྱོན་ཤོག
ཕྱིའི་འོད་གསལ་གླིང་དཀར་སྟོད་ལ་བབ་ཆགས་བཞག་ནས་ཡོང་ཡོད།